ལྷོ་འཛམ་གླིང་ཉི་མ་རི་ལ་རྒལ།
ནུབ་ཟླ་བ་དཀར་པོ་སྤྲིན་གྱིས་བསྒྲིབས།
དགུང་སྐར་ཚོགས་ཆར་སྤྲིན་དཀྱིལ་དུ་ལྷུང་།
ཁྱེད་སྤུན་གསུམ་མ་མཇལ་ཡིད་རེ་སྐྱོ།
ཁྱེད་སྤུན་གསུམ་མ་མཇལ་ཡིད་རེ་སྐྱོ།
ཨ་ཉི་ཟླ་སྐར་གསུམ།
དགུང་སྐར་ཚོགས་ཆར་སྤྲིན་དཀྱིལ་དུ་ལྷུང་།
ཁྱེད་སྤུན་གསུམ་མ་མཇལ་ཡིད་རེ་སྐྱོ།
ཁྱེད་སྤུན་གསུམ་མ་མཇལ་ཡིད་རེ་སྐྱོ།
སྨད་མདོ་ཁམས་ས་ཡི་ཐིག་ལེ་ན།
རྗེ་བླ་མའི་གདམས་ངག་ལྷང་ལྷང་གྲགས།
ད་གདམས་ངག་མ་ཐོས་ཁེར་རྐྱང་ང་།
ངས་བླ་མ་མ་མཇལ་ཡིད་རེ་སྐྱོ།
ངས་བླ་མ་མ་མཇལ་ཡིད་རེ་སྐྱོ།
ཨ་ཡི་བླ་མ།
ད་གདམས་ངག་མ་ཐོས་ཁེ་རྐྱང་ང་།
ངས་བླ་མ་མ་མཇལ་ཡིད་རེ་སྐྱོ།
ངས་བླ་མ་མ་མཇལ་ཡིད་རེ་སྐྱོ།
ངའི་དྲིན་ཆེན་ཕ་ལོ་མ་ལོ་ཁྱེད།
མགོའི་སྐྲ་ལོ་སེ་དུས་འགྲོ་ལ་ཉེ།
ད་དྲིན་ལེན་མ་མཇལ་བུ་ཆུང་ངས།
ང་ཉམས་ཆུང་སེམས་པ་ཡིད་རེ་སྐྱོ།
ང་ཉམས་ཆུང་སེམས་པ་ཡིད་རེ་སྐྱོ།
ཨཕ་ལོ་མ་ལོ།
ད་དྲིན་ལེན་མ་མཇལ་བུ་ཆུང་ངས།
ང་ཉམས་ཆུང་སེམས་པ་ཡིད་རེ་སྐྱོ།
ང་ཉམས་ཆུང་སེམས་པ་ཡིད་རེ་སྐྱོ།

阅读剩余 0%
本站所有文章资讯、展示的图片素材等内容均为注册用户上传(部分报媒/平媒内容转载自网络合作媒体),仅供学习参考。 用户通过本站上传、发布的任何内容的知识产权归属用户或原始著作权人所有。如有侵犯您的版权,请联系我们反馈本站将在三个工作日内改正。