དྲིན་ཕ་མ་ཟེར་བའི་ཉི་ཟླ་དེའི།།
དྲིན་འཇལ་རྒྱུ་ཟེར་ན་དཀའ་མོ་རེད།།
དེ་ཡིན་ཙང་དྲིན་ལན་མ་བརྗེད་རོགས།།
ཚེ་བསྐལ་བ་དབྱར་གྱི་གནམ་ངོ་རེད།།
རང་འུ་ཚོ་རྒས་ཀྱང་མ་རྒས་རུང་།།
སེམས་དགའ་སྐྱོ་ཆགས་སྡང་བྱ་ས་ཡིན།།
ཁོང་རྒས་ནས་སེམས་རྒྱ་ཆུང་དུས་སུ།།
ཚིག་རྩུབ་མོས་སེམས་པ་མི་གསོད་རོགས།།

ཆུང་བྱམས་པ་ཟེར་བའི་སྣང་བ་དེའི།།
སེམས་རྣམ་དག་ཡིན་རྒྱུ་དཀའ་མོ་རེད།།
དེ་ཡིན་ཙང་ཚིག་འཇམ་འགྲོགས་བདེ་དེ།།

ཞེ་སྣང་བ་མཐུན་པས་མ་བརྗེད་རོགས།།
བློས་གཏོང་དགོས་བྱུང་བ་ཡོད་ན་ཡང་།།
བྲལ་དགོས་པའི་དགོས་པ་ཡོད་མ་ཡིན།།
ལོ་ཡོལ་ནས་ཕྱིར་དྲན་མཇལ་དུས་སུ།།
མིག་མཆི་མ་བྱུང་གི་གཞི་མ་ཡིན།།

དྲིན་ཅན་མི་ལ་འཇོག་མེད་བསམ་པ་དང་།།
ཞེ་མཐུན་མི་ལ་གཏམ་ངན་སྨྲ་བའི་ལས།།
ཡིད་མཐུན་གྲོགས་ལ་མཛུབ་ཀེར་འཕྱ་བ་སོགས།།
མི་རུང་བསམ་པ་མེད་པའི་སྨོན་ལམ་ཡང་ཡང་འདེབས།།

ནང་ན་ཟླ་ཟེར་བའི་དྲན་ཤིང་དེའི།།
ལས་སྐྱིད་སྡུག་མཉམ་རྒྱུ་དཀའ་མོ་རེད།།
དེ་ཡིན་ཙང་ཕྱི་ཐག་རིང་བར་གྱིས།།
རྫུན་གཡོ་སྒྱུས་ཁ་ལོ་མི་བསྒྱུར་རོགས།།
འབྱོར་ཕྱུག་པོའི་ང་རྒྱལ་རྨོངས་པའི་སེམས།།
དེ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་།།
མིའི་དར་རྒུད་ཟེར་བ་རེས་མོས་ཡིན།།
རྒོལ་ཚ་པོ་ཚ་པོ་མི་གཏོང་རོགས།།

དྲིན་ཅན་མི་ལ་འཇོག་མེད་བསམ་པ་དང་།།
ཞེ་མཐུན་མི་ལ་གཏམ་ངན་སྨྲ་བའི་ལས།།
ཡིད་མཐུན་གྲོགས་ལ་མཛུབ་ཀུར་འཕྱ་བ་སོགས།།
མི་རུང་བསམ་པ་མེད་པའི་སྨོན་ལམ་ཡང་ཡང་འདེབས།།

阅读剩余 0%
本站所有文章资讯、展示的图片素材等内容均为注册用户上传(部分报媒/平媒内容转载自网络合作媒体),仅供学习参考。 用户通过本站上传、发布的任何内容的知识产权归属用户或原始著作权人所有。如有侵犯您的版权,请联系我们反馈本站将在三个工作日内改正。